༈ གསུམ་བསླང་གསུམ་འགལ་བཤགས་ པ་དང། ཞེས་པའི་དོན། དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྡོམ་པ་གསུམ་གྱི་བཅས་པ་དང་འགལ་བའི་ལྟུང་བ་རྣམས་བཤགས་སོ། །ཞེས་པ་ཡིན་ལ། མཆོད་ཚེ་གཤུང་ན་དུ་དབོད་དེ། ཞེས་ [104A]༄༅། །བའི་གཤུང་བ་ནི། བརྡ་གསར་རྙིང་གི་བསྟན་བཅོས་གསར་བུའི་བློ་གྲོས་སྐྱེད་བྱེད་ལས། གཤུང་བ་འཐིག་སླང་སྨད་པའི་མིང། ཞེས་དང། གཤུང་བའི་ཐད་ཀྱི་དག་ཡིག་ལེ་ཚན་གྱི་ མཚན་བུ་ལས། ཤུབ་བུས་སྨད་པའོ། །ཞེས་པ་ལྟར་རོ།།